关于征集制售假劣肉制品
违法犯罪线索的通告
ཤ་བཟོས་ཐོན་རྫས་རྫུན་མ་དང་སྤུས་ཞན་བཟོ་བ། ཕྱིར་འཚོང་བྱེད་པའི་ཁྲིམས་འགལ་ཉེས་གསོག་
གི་ཁུངས་སྣེ་བསྡུ་རུབ་བྱ་རྒྱུའི་སྐོར་གྱི་བརྡ་ཁྱབ།
为深入开展群众身边不正之风和腐败问题集中整治攻坚决战行动,严厉打击制售假劣肉制品违法犯罪行为,坚决斩断非法生产、加工、销售利益链条,切实守护人民群众"舌尖上的安全",现面向社会公开征集制售假劣肉制品违法犯罪线索。有关事项通告如下:
མང་ཚོགས་ཀྱི་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྐྱོང་གི་འགག་སྒྲོལ་ཐག་གཅོད་ཀྱི་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་། ཤ་བཟོས་ཐོན་རྫས་རྫུན་མ་དང་སྤུས་ཞན་བཟོ་འཚོང་གི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་བཏང་ནས་ཁྲིམས་འགལ་ངང་ཐོན་སྐྱེད་དང་ལས་སྣོན། ཕྱིར་འཚོང་བཅས་ཀྱི་ཁེ་ཕན་འབྲེལ་ཐག་མཐའ་གཅིག་ཏུ་བཅད་ནས་མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”སྲུང་སྐྱོང་ཏན་ཏིག་བཅས་བྱ་ཆེད། ད་ལྟ་སྤྱི་ཚོགས་ལ་ཁ་ཕྱོགས་ནས་མངོན་གསལ་དོད་པོའི་ངང་ཤ་བཟོས་ཐོན་རྫས་རྫུན་མ་དང་སྤུས་ཞན་བཟོ་འཚོང་གི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་བསྡུ་རྒྱུ་ཡིན། འབྲེལ་ཡོད་དོན་ཚན་བརྡ་ཁྱབ་ཏུ་སྤེལ་བ་འདི་ལྟར་ཏེ།
一、线索征集范围
凡在昌都市卡若区行政区域内,存在以下情形之一的,均纳入线索征集范畴:
གཅིག ཁུངས་སྣེ་བསྡུ་བའི་ཁྱབ་ཁོངས།
ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱི་སྲིད་འཛིན་ས་ཁོངས་སུ་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ཚེ་ཚང་མ་ཁུངས་སྣེ་བསྡུ་ལེན་གྱི་ཁོངས་སུ་འཇུག་རྒྱུ་ཡིན་ཏེ།
(一)非法收购、加工、销售病死、死因不明或者未经法定检验检疫合格的各类动物肉类及其制品;
(གཅིག) ནད་ཀྱིས་ཤི་བ་དང་ཤི་རྐྱེན་གསལ་པོ་མེད་པའམ་ཡང་ན་ཁྲིམས་བཀོད་ཀྱི་ཞིབ་བཤེར་དང་ནད་ཡམས་ཞིབ་བཤེར་ཚད་ལོན་མེད་པའི་སྲོག་ཆགས་ཀྱི་ཤ་རིགས་སྣ་ཚོགས་དང་དེའི་ཐོན་རྫས་ཁྲིམས་འགལ་གྱིས་ཉོ་སྒྲུབ་དང་ལས་སྣོན། ཕྱིར་འཚོང་བཅས་བྱེད་པ།
(二)在生产、加工、运输、仓储、销售等经营环节中,违规使用病死、检验检疫不合格的肉类及其制品;
(གཉིས།) ཐོན་སྐྱེད་དང་ལས་སྣོན། སྐྱེལ་འདྲེན། མཛོད་འཇོག ཕྱིར་འཚོང་སོགས་གཉེར་སྐྱོང་ལྷུ་ཚིགས་སུ་ནད་ཕོག་ནས་ཤི་བ་དང་། སྒྲིག་འགལ་ངང་ནས་ཞིབ་བཤེར་དང་ནད་ཡམས་ཞིབ་བཤེར་ཚད་མ་ལོན་པའི་ཤ་རིགས་དང་དེའི་ཐོན་རྫས་བཀོལ་སྤྱོད་བྱེད་པ།
(三)假冒知名品牌、仿冒注册商标,或者以低质、低价产品冒充正规、高价产品,制售假冒伪劣肉制品;
(གསུམ།) ཚོང་རྟགས་གྲགས་ཅན་ཟོལ་རྫུ་བྱེད་པ་དང་ཐོ་འགོད་ཚོང་རྟགས་འདྲ་བཟོ་བྱེད་པའམ་ཡང་ན་སྤུས་ཀ་ཞན་པ་དང་རིན་གོང་དམའ་བའི་ཐོན་རྫས་དེ་ཚད་ལྡན་དང་རིན་གོང་མཐོ་བའི་ཐོན་རྫས་ལ་བརྫུས་ནས་ཤའི་ཐོན་རྫས་རྫུན་མ་དང་སྤུས་ཞན་བཟོས་ནས་འཚོང་བ།
(四)在肉制品加工中掺杂掺假,以次充好,使用非同类肉品冒充高档肉品;
(བཞི།) ཤ་བཟོས་ཐོན་རྫས་ལས་སྣོན་བྱེད་སྐབས་རྫུན་མ་བསྲེས་པ་དང་། སྤུས་ཞན་དེ་སྤུས་ལེགས་གྲས་སུ་བརྫུས་པ། རིགས་མཐུན་མིན་པའི་ཤ་བཟོས་ཐོན་རྫས་སྤྱད་དེ་རིམ་པ་མཐོ་བའི་ཤ་བཟོས་ཐོན་རྫས་སུ་བརྫུས་པ།
(五)销售无法提供合法来源证明、无进货凭证、无检疫合格证明的肉制品;
(ལྔ།) ཁྲིམས་མཐུན་གྱི་ཡོང་ཁུངས་དཔང་ཡིག་འདོན་སྤྲོད་བྱེད་ཐབས་བྲལ་བ་དང་། ཚོང་ཟོག་ནང་འདྲེན་གྱི་དཔང་ཡིག་མེད་པ། ནད་ཡམས་ཞིབ་བཤེར་ཚད་ལོན་གྱི་དཔང་ཡིག་མེད་པ་བཅས་ཀྱི་ཤ་བཟོས་ཐོན་རྫས་ཕྱིར་འཚོང་བྱེད་པ།
(六)在肉制品加工制作过程中,违法添加"瘦肉精"(盐酸克伦特罗等)、"苏丹红"等国家明令禁止使用的药物、添加剂及其他非食用物质;
(དྲུག) ཤ་བཟོས་ཐོན་རྫས་ལས་སྣོན་དང་བཟོ་སྐྲུན་བྱེད་པའི་བརྒྱུད་རིམ་ནང་དུ་ཁྲིམས་འགལ་གྱིས་“ཤ་སྣག་བཅུད་”(ཚྭ་སྐྱུར་ཁེ་ལུན་ཐེ་ལུའོ་སོགས)དང་། “སུའུ་ཏན་དམར་པོ”སོགས་རྒྱལ་ཁབ་ཀྱིས་བཀའ་རྒྱ་གསལ་པོར་བཏང་སྟེ་བཀོལ་སྤྱོད་མི་ཆོག་པའི་སྨན་རྫས་དང་སྦྱོར་རྟ། དེ་བཞིན་བཟའ་བྱའི་དངོས་རྫས་མིན་པ་གཞན་དག་བཅས་གསར་སྣོན་བྱེད་པ།
(七)在牛、羊、生猪等动物屠宰前,非法使用药物或强制灌水,人为增加动物含水量,谋取不正当利益;
(བདུན།) ནོར་དང་ལུག ཕག་སོགས་སྲོག་ཆགས་མ་བཤའ་གོང་དུ་ཁྲིམས་འགལ་གྱིས་སྨན་རྫས་སྤྱོད་པའམ་ཡང་ན་བཙན་ཤེད་ཀྱིས་ཆུ་བླུགས་ནས་སྲོག་ཆགས་ཀྱི་རླན་ཚད་རྐང་བཙུགས་ནས་མཐོ་རུ་བཏང་ནས་ཚུལ་མིན་གྱི་ཁེ་ཕན་རག་ཐབས་བྱེད་པ།
(八)未取得合法许可,擅自从事禽畜私屠滥宰活动;
(བརྒྱད།) ཁྲིམས་མཐུན་གྱི་བཀའ་འཁྲོལ་མ་ཐོབ་པར་རང་འདོད་ཀྱིས་བྱ་རིགས་དང་ཕྱུགས་རིགས་སྒེར་བཤས་དང་གང་བྱུང་དུ་བཤས་བའི་བྱེད་སྒོ་སྤེལ་བ།
(九)未经批准,非法设立屠宰场所,从事非法屠宰及肉品销售;
(དགུ།) ཆོག་མཆན་མ་ཐོབ་པར་ཁྲིམས་འགལ་གྱིས་བཤས་ར་བཙུགས་ནས་ཁྲིམས་འགལ་གྱིས་བཤས་གཏོང་བ་དང་ཤ་རིགས་ཕྱིར་འཚོང་བྱེད་པ།
(十)销售未经检验检疫或者检验检疫不合格的肉制品;
(བཅུ།) ཞིབ་བཤེར་དང་ནད་ཡམས་ཞིབ་བཤེར་མ་བྱས་པའམ་ཡང་ན་ཞིབ་བཤེར་དང་ནད་ཡམས་ཞིབ་བཤེར་གྱི་ཚད་གཞི་མ་ལོན་པའི་ཤ་བཟོས་ཐོན་རྫས་ཕྱིར་འཚོང་བྱེད་པ།
(十一)其他违反法律法规规定,涉及肉制品生产、加工、销售、运输、贮存等环节的违法犯罪行为。
(བཅུ་གཅིག) བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་འགལ་ནས་ཤ་བཟོས་ཐོན་རྫས་ཐོན་སྐྱེད་དང་ལས་སྣོན། ཕྱིར་ཚོང་། སྐྱེལ་འདྲེན། གསོག་ཉར་སོགས་ཀྱི་ལྷུ་ཚིགས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་གཞན་དག
二、举报要求与权益保障
གཉིས། ཐེར་འདོན་གྱི་བླང་བྱ་དང་ཁེ་དབང་འགན་སྲུང་།
(一)举报内容应客观真实、具体明确,建议提供被举报对象的准确名称、经营地址,以及违法犯罪行为发生的具体时间、地点、详细情节和相关证据材料,以便公安机关依法快速核查处置;
(གཅིག) ཐེར་འདོན་གྱི་ནང་དོན་དངོས་ཡོད་བདེན་པ་དང་། ཞིབ་ཕྲ་ཁ་གསལ་ཡིན་དགོས། བསམ་ཚུལ་འདོན་པ་ནི་ཐེར་འདོན་བྱ་ཡུལ་གྱི་མིང་ཡང་དག་དང་། གཉེར་སྐྱོང་ས་གནས། དེ་བཞིན་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ཐོན་པའི་དུས་ཚོད་དང་ས་གནས། གནས་ཚུལ་ཞིབ་ཕྲ། འབྲེལ་ཡོད་དཔང་རྟགས་དཔྱད་གཞི་བཅས་མཁོ་འདོན་བྱས་ནས་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་མགྱོགས་མྱུར་དུ་ཞིབ་བཤེར་ཐག་གཅོད་བྱེད་བདེ་བར་བྱེད་དགོས།
(二)举报人应当坚持实事求是原则,不得虚构事实、夸大情节,严禁故意捏造线索、伪造证据,以举报为名实施诬告陷害。对恶意举报、造谣生事者,公安机关将依法追究其法律责任;
(གཉིས།)ཐེར་འདོན་བྱེད་མཁན་གྱིས་དངོས་ཐོག་བདེན་འཚོལ་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་་དགོས་པ་ལས། དོན་དངོས་རྫུན་བཟོ་དང་གནས་ཚུལ་སྒྲོ་འདོགས་བྱས་མི་ཆོག་པ་དང་། རྐང་བཙུགས་ནས་ཁུངས་སྣེ་རྫུན་བཟོ་དང་དཔང་རྟགས་རྫུན་བཟོ་བྱས་ཏེ་ཐེར་འདོན་གྱི་མིང་ཐོག་ནས་སྙོན་འདོན་ཞུ་གཏུག་དང་མ་ཉེས་ཁག་གཡོགས་བྱེད་རིགས་གཏན་འགོག་བྱ་དགོས། བསམ་ངན་བཅངས་ནས་ཐེར་འདོན་དང་དཀྲོག་གཏམ་བཟོས་ནས་ཟིང་ཆ་བཟོ་མཁན་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་དེའི་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏང་རྒྱུ་ཡིན།
(三)公安机关将严格执行保密制度,对举报人身份信息、举报内容予以严格保密,坚决杜绝信息泄露。对举报人依法享有的各项合法权益予以充分保障,对任何形式的威胁、恐吓、报复举报人的行为,公安机关将依法从严从重打击处理。
(གསུམ།)སྤྱི་བདེ་ལས་ཁུངས་ཀྱིས་གསང་སྲུང་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་ཐེར་འདོན་བྱེད་མཁན་གྱི་ཐོབ་ཐང་ཆ་འཕྲིན་དང་ཐེར་འདོན་ནང་དོན་གསང་སྲུང་ནན་པོ་བྱས་ནས་ཆ་འཕྲིན་ཕྱིར་གྱར་གཏན་འགོག་མཐའ་གཅིག་ཏུ་བྱ་དགོས། ཐེར་འདོན་བྱེད་མཁན་ལ་ཁྲིམས་ལྟར་ལོངས་སུ་སྤྱད་རྒྱུ་ཡོད་པའི་ཁྲིམས་མཐུན་ཁེ་དབང་ཁག་ལ་འགན་ལེན་གང་ལེགས་བྱ་རྒྱུ་དང་། ཐེར་འདོན་བྱེད་མཁན་ལ་འཇིགས་སྐུལ་དང་སྡིགས་མོ། འཁོན་ལན་སློག་པ་བཅས་ཀྱི་བྱ་སྤྱོད་གང་རུང་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་རྡུང་རྡེག་ནན་པོ་དང་ཐག་གཅོད་བྱ་རྒྱུ་ཡིན།
三、线索举报方式
གསུམ། ཁུངས་སྣེ་ཐེར་འདོན་བྱེད་སྟངས།
(一)举报电话:0895-4980110(24小时值守),0895-4824385
(གཅིག)ཐེར་འདོན་ཁ་པར། 0895-4980110(ཆུ་ཚོད་24རིང་ལས་རེས་ཡོད་པ།)0895-4824385
(二)信件举报:举报人可将详细举报材料邮寄至昌都市公安局卡若分局环境资源和食品药品犯罪侦查大队(邮编:854000)。
(གཉིས)འཕྲིན་ཡིག་ཐེར་འདོན། ཐེར་འདོན་བྱེད་མཁན་གྱིས་ཐེར་འདོན་དཔྱད་ཡིག་ཞིབ་ཕྲ་དེ་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུད་ཁ་རུབ་ཡན་ལག་ཅུད་ཁོར་ཡུག་ཐོན་ཁུངས་དང་བཟའ་བཅའ་སྨན་རྫས་ཉེས་གསོག་མྱུལ་ཞིབ་རུ་ཆེན་(སྦྲག་ཨང་854000)ལ་སྦྲག་ཐོག་ནས་བསྐུར་ཆོག
(三)现场举报:昌都市公安局卡若分局环境资源和食品药品犯罪侦查大队当面举报。
(གསུམ)ཡུལ་དངོས་སུ་ཐེར་འདོན། ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུད་ཁ་རུབ་ཡན་ལག་ཅུད་ཁོར་ཡུག་ཐོན་ཁུངས་དང་བཟའ་བཅའ་སྨན་རྫས་ཉེས་གསོག་མྱུལ་ཞིབ་རུ་ཆེན་དུ་ངོ་ཐུག་ནས་ཐེར་འདོན་བྱེད་ཆོག
昌都市公安局卡若区分局
环境资源和食品药品犯罪侦查大队
2026年4月7日
ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུད་ཁ་རུབ་ཆུས་ཡན་ལག་ཅུད།
ཁོར་ཡུག་ཐོན་ཁུངས་དང་བཟའ་བཅའ་སྨན་རྫས་ཉེས་གསོག་མྱུལ་ཞིབ་རུ་ཆེན་ནས།
2026ལོའི་ཟླ་4ཚེས་7ཉིན།
审 核:达瓦次仁
编 辑:刘 琳
供 稿:环食药大队